您当前的位置:首页 > 教师资源 > 教师工作 > 主持演讲
主持词|六一儿童节藏语文主持词
信息编号:120 发布者:admin 发布时间:2019-04-23 11:25:05 关注:
    གུས་ཤིང་བརྩེ་བའི་དབུ་ཁྲིད་ལྷན་རྒྱས་དང་། 
    མཛའ་ཞིང་བརྩེ་བའི་དགེ་རྒན་རྣམས་པ། 
    ངའི་སྙིང་ནས་བརྩེ་བའི་སློབ་ཕྲུག་རྣམ་པ་ཞོགས་པ་བདེ་ལེགས།
    གཅིག  
    འདས་ཟིན་པའི་སྤྱི་ལོ་༡༩༤༩ལོའི་ཟླ་བཅུ་གཅིག་པར་མོ་སི་ཁོ་ནས་རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་བསྡུས་ཏེ། འཛམ་གླིང་ཡོངས་ཀྱི་བྱིས་པའི་འཚོ་སྡོད་ཁེ་དབང་དང་བདེ་ཐང་དབང་ཆ། སློབ་གསོ་རིག་པའི་དབང་ཆར་ཁག་ཐེག་བྱེད་ཆེད་དང། བཙན་རྒྱལ་རིང་ལུགས་ཀྱི་འཐབ་རྩོད་ལས་བྱིས་པ་ལྐོག་གསོད་དང་། དུག་གིས་གསོད་མཁན་དག་ལ་ངོ་རྒོལ་བྱས་ཏེ། ལས་འཛིན་ལྷན་ཚོགས་ཀྱིས་ལོ་རེའི་ཟླ་དྲུག་པའི་ཚེས་གཅིག་ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས་ལ། ཀྲུང་གོས་ཀྱང་སྤྱི་ལོ་༡༩༣༡ལོར་བྱིས་པའི་དུས་ཆེན་དེ་ལོ་རེའི་ཟླ་བཞི་བའི་ཚེས་བཞིའི་ཉིན་གཏན་འཁེལ་བྱས་ཡོད། དེ་རྗེས་སྤྱི་ལོ་༡༩༤༩ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དེ་ཡང་ཀྲུང་གོའི་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས། སྤྱི་ལོ་༡༩༥༠ལོའི་ཟླ་གསུམ་པའི་ཚེས་སུམ་ཅུར་སློབ་གསོ་པུའུ་ཡིས་དངོས་སུ་བརྡ་ཐོ་བཏང་ནས་ཟླ་དྲུག་པིའ་ཚེས་གཅིག་ཉིན་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས་པ་རེད།
    གཉིས།
    དེ་རིང་ང་ཚོས་འདས་སོང་གི་ལོ་རྒྱུས་ལ་ཕྱིར་བལྟ་བྱེད་བཞིན་དགའ་འཛོམས་ཀྱི་དྲུག་གཅིག་ལ་མཉམ་རོལ་བྱས།
    དེ་རིང་དྲུག་གཅིག་ཡིན་པས། དགུང་སྔོན་མོའི་སྤྲིན་གྱི་རྒྱུ་སྟངས་ལེགས་འདུག
    དེ་རིང་དྲུག་གཅིག་ཡིན་པས། ཆུ་གཙང་པོའི་རླབས་ཀྱི་བཞུར་སྒྲ་སྙན་འདུག
    དེ་རིང་དྲུག་གཅིག་ཡིན་པས། དྲིན་ཕ་མའི་བརྩེ་ཞེན་གྱི་དྲོད་མདོག་སྙོམས་འདུག
    དེ་རིང་དྲུག་གཅིག་ཡིན་པས། རོགས་ན་ཟླའི་ངོ་གདོང་ན་མཛུམ་གྱིས་ཁེངས་འདུག
    གསུམ།
    ཨ་མའི་གཅེས་ཕྲུག་ཚོ། 
    ཨ་ཕའི་སྙིང་ནོར་ཚོ། 
    ཁྱེད་ཚོ་ནི། 
    ཐོ་རེངས་ཀྱི་སྐར་ཆེན་ཏེ། 
    ལང་ཚོ་ཡི་ཉི་གཞོན་ཆུང་ཆུང་འཇིག་རྟེན་ལ་ཁད་ཀྱིས་སྤྲས་ཀྱིན་འདུག 
    ཁྱེད་ཚོ་ནི། 
    དཔྱིད་གསུམ་གྱི་ཆུ་མིག་སྟེ། 
    གཉོམ་ཆུང་གི་འཛུམ་བག་ཕྲ་མོས་མི་ཡུལ་གྱི་སྐོམ་གདུང་སེལ་གྱིན་འདུག 
    ཁྱེད་ཚོ་ནི། གངས་ཁྲོད་ཀྱི་མེ་ཏོག་སྟེ། 
    ལྷད་མེད་ཀྱི་བཀྲག་མདངས་ཁོ་ནས་སྤྱི་ཚོགས་ཀྱི་ནག་ཉེས་འཁྲུད་ཀྱིན་འདུག
    དེས་མ་ཚད་ཁྱེད་ཚོ་ནི་སྦྲ་ནག་དང་སྦྲ་ནག་ནི་གསེང་ན་འཚོ་ཞིང་།  
    ནོར་གནག་དང་གཡང་དཀར་གྱི་ཁྲོད་ན་འདུར་ལ།  
    གངས་རི་དང་རྩྭ་ཐང་གི་འདབ་ནས་འཚར་བའི་གངས་ལྷ་མེ་ཏོག་དེ་ཡིན།
    བཞི།  གཤམ་ལ་གུར་མེ་ཤང་ལྟེ་བའི་སློབ་ཆུང་གི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ད་ལྟ་དངོས་སུ་འགོ་འཛུགས་རྒྱུ་ཡིན།
    ལྔ།   ༼འཁྲབ་སྟོན་༽
    དྲུག   མཉམ་འཛོམས་ཀྱི་དགའ་བ་དང་། དུས་ཆེན་གྱི་སྤྲོ་བས་བཀང་པའི་སྤང་ཐང་འདི་རུ། 
    ང་ཚོས་དགུན་གསུམ་གྱི་ལོ་ཟླ་སྐྱ་བོར་དྲན་གསོ་བྱས་ལ།  
    དཔྱིད་གསུམ་གྱི་ཉི་མ་རིང་མོར་སེམས་ཀྱི་མྱོང་།
    ང་ཚོས་དགའ་ལྷང་ལྷང་གི་གླུ་ལེན་ཞིང་།  
    སྐྱིད་ལྷང་ལྷང་གི་གར་འཁྲབ་ཏེ།  
    ན་ཆུང་བྱིས་པ་ཚོའི་དུས་ཆེན་ལ་སྙན་མོ་གླུ་ཡི་མཆོད་པ་ཕུལ་ལ། 
    མཛེས་པའི་གར་གྱི་ལྷ་དར་བཀོན།
    ན་ཆུང་གྲོགས་པོ་ཚོ།  
    ཁྱེད་ཚོ་ནི་མ་འོངས་པའི་བདག་པོ་ཡིན་པས།  
    ཁྱེད་ཚོའི་ཕུགས་འདུན་ནི་མེས་རྒྱལ་གྱི་མ་འོངས་པའི་དར་རྒུད་ཡིན་ལ།  
    ཁྱེད་ཚོའི་འབད་བརྩོན་ནི་མི་རིགས་ཀྱི་ཉམས་རྒུད་ཀྱང་ཡིན། 
    དེས་ན་ཁྱེད་ཚོ་ནི་མེས་རྒྱལ་གྱི་སྤང་ཐང་ན་བཞད་པའི་སེར་ཆེན་མེ་ཏོག་ཡིན།
    བློ་སྟོབས་བསྐྱེད།   
    འབད་པ་བྱོས།  
    རེ་བ་ཡིས་ཕྱུག་པའི་ན་ཆུང་གྲོགས་པོ་ཚོ།
      

     
糌酷网的所有信息均为教师个人自愿发布,以便更多的师生共享!如有资源信息侵犯权益请联系我们删除。
推荐、举报、删除信息请在线留言或 发送短信至:13659566325 (不接电话)与管理员强木巴联系!
网站备案蜀ICP备16003958号 藏公网安备 54023702000002号
©2016 www.xzjxzy.com糌酷网(西藏教学资源网)
网站地图